དེ་ཡང་ལྷོ་ཀོ་ར་ཡའི་ནང་དུ་ནང་པ་སངས་རྒྱས་པ་དང་ཡེ་ཤུའི་ཆོས་ལུགས་པའི་བར་ལ་འཁོན་རྩོད་ཕྲན་བུ་རེ་རྒྱུན་དུ་འབྱུང་བཞིན་ཡོད་པ་རེད།
ལྷག་པར་ཡང་ད་ལོར་གཞུང་གི་གཏོང་དངུལ་སྔོན་རྩིས་ཀྱི་ནང་དུ་ནང་པ་སངས་རྒྱས་པའི་ལྷ་ཁང་རྙིང་བ་བསྐྱར་གསོ་རྒྱ་སྐྱེད་དང་སྲུང་སྐྱོབ་ཀྱི་ཕྱོགས་སུ་གཏོང་དངུལ་འབོར་ཆེན་འཕྲི་གཅོག་བྱས་པ་དེར་ཇོ་རྒྱས་ཆོས་རྒྱུད་ཀྱི་ཕྱོགས་ནས་ངོ་རྒོལ་གྱི་རྣམ་འགྱུར་བསྟན། སྔར་བཞིན་གཏོང་དངུལ་གྱི་གྲངས་འབོར་སྤར་དགོས་པའི་རེ་འདུན་ཐེང་མང་པོར་ཞུས་འདུག ཇོ་རྒྱས་ཆོས་བརྒྱུད་ནི་ཁོ་རེ་ཡའི་ནང་པ་སངས་རྒྱས་པའི་ཆོས་བརྒྱུད་ཁྱབ་རྒྱ་ཆེ་ཤོས་དེ་རེད། ཡིན་ན་ཡང་གཞུང་གི་ངོས་ནས་དེ་ལ་ངོས་ལེན་བསྒྱུར་བཅོས་བྱེད་པའི་རྣམ་འགྱུར་མ་བསྟན་པ་རེད། ཇོ་རྒྱས་ཆོས་བརྒྱུད་ཀྱི་མགྲིན་ཚབ་པ་ཚོས་གཞུང་གི་བྱེད་སྟངས་དེ་ནི་ཡེ་ཤུའི་ཆོས་ལུགས་པའི་ཤུགས་རྐྱེན་ཟབ་པའི་གཞུང་འཛིན་མི་སྣ་ཚོས་ཆོས་ལུགས་ཀྱི་ཕྱོགས་ཞེན་དང་། འཐེན་འཁྱེར། ཆགས་སྡང་གི་ཀུན་སློང་དང་ལག་ལེན་ངན་པ་ཞིག་ཡིན་པས་ཕྱོགས་ཚང་མར་ཕན་པ་མེད་པས་བསྒྱུར་བཅོས་བྱེད་དགོས་པའི་དགོས་འདུན་བཏོན་པ་རེད། གལ་སྲིད་དགོས་འདུན་དེ་གཞུང་གིས་ངོས་ལེན་མ་བྱས་པའི་བར་དུ་གཞུང་གི་དཔོན་རིགས་རྣམས་ཁོ་རེ་ཡའི་ནང་གི་ནང་པ་སངས་རྒྱས་པའི་ལྷ་ཁང་གཅིག་གི་ནང་དུ་ཡང་འཛུལ་མི་ཆོག་པར་ཐག་བཅད་པའི་གསལ་བསྒྲགས་སྤེལ་འདུགསྙིང་ཐིག་གླེང་སྟེགས་དོ་དམ་པས།
No comments:
Post a Comment
ཁྱེད་ཀྱི་དགོངས་ཚུལ་གླེང་བར་རེ་སྒུག་ཡོད།