![]() |
གྲོང་ཁྱེར་དབུས་ཀྱི་མཆོད་རྟེན་གློག་སྒྲོན་གྱིས་བརྒྱན་པ། |
ཤྲི་ལང་ཁའི་གནས་མཆོག་གྲོང་ཁྱེར་ཨ་ནུ་ར་དྷ་པུ་ར་རུ་ནང་པ་སངས་རྒྱས་པའི་ཆོས་དང་འབྲེལ་བའི་དུས་ཆེན་ཞིག་ཚུགས་འདུག
དེ་ཡང་དུས་ཆེན་འདི་ནི་ཕྱི་ཟླ་༦པའི་ཚེས་༡༣་ནས་༡༨བར་ཡིན། དུས་ཆེན་འདི་ནི་རང་རེ་བོད་ལུགས་ཀྱི་ས་ག་ཟླ་བའི་ཚེས་༡༥ཉིན་མོར་ཁེལ་ཡོད་ཅིང་དུས་ཆེན་གྱི་མིང་ལ་ཕོ་སོན་ཟེར། དུས་ཆེན་འདི་ནི་གླིང་ཕྲན་འདིར་སངས་རྒྱུས་ཀྱི་བསྟན་པ་རིན་པོ་ཆེ་དར་བའི་མགོ་ཐོག་མར་ཚུགས་པའི་དུས་དྲན་ཡིན། དེ་ཡང་ད་ནས་ཡར་བརྩིས་པའི་མི་ལོ་༢༣༡༧ཙམ་འདས་པའི་ཟླ་ཚེས་འདིར་ཡུལ་དེར་སངས་རྒྱས་པའི་བསྟན་པ་དར་བའི་མགོ་ཚུགས་རེད། དེ་ཡང་ད་ལོར་དུས་ཆེན་འདིའི་སྐབས་སུ་དད་ལྡན་མི་གྲངས་ས་ཡ་གསུམ་ཡས་མས་འཛོམ་པའི་ཚོད་དཔག་བྱེད་ཀྱིན་ཡོད་ཟེར། ཡུལ་དེའི་སྲིད་འཛིན་དང་སྲིད་སྐྱོང་རྣམ་པ། ཆེས་མཐོའི་དཔོན་རིགས་མང་པོ་ཡང་དུས་ཆེན་འདིར་ཚོགས་ཞུགས་བྱ་འཆར་ཡོད། སྐབས་འདིར་དྲག་རྩལ་སྦྱོང་བརྡར་ཡོད་པའི་ཉེན་རྟོག་སྐོར་སྲུང་མི་སྣ་༤༠༠༠ཙམ་གྱིས་བདེ་འཇགས་སྲུང་སྐྱོབ་བྱེད་བཞིན་ཡོད་འདུག འདྲ་པར་གྱི་ཡོང་ཁུངས་www.lankapage.comཡིན།
No comments:
Post a Comment
ཁྱེད་ཀྱི་དགོངས་ཚུལ་གླེང་བར་རེ་སྒུག་ཡོད།