མས། ད་ཁྱོད་ཡག་པོ་ཞིག་བྱས་ནས་བསྡད་ཡོད་ས་མེད་ཁི།
ད་ཁྱོད་གྲྭ་བ་ཞིག་ཡིན་ས་མེད་ཁི་ཨ།
བུས། གྲྭ་བ་མིན་ད་ཡག་པོ་བྱས་ནས་བསྡད་ཡོད།
ང་གྲྭ་བ་ལོག་རྒྱུ་བོ་དེ་ངས་བསམ་བློ་བཏང་ནས་ཐག་བཅད་ནི་ཡིན་མ་གཏོགས་ང་ལ་བར་ཆད་བརྒྱུགས་བཞག་པ་འདྲ་ཅི་ཡང་མ་རེད།
དེ་ཡིན་དུས་ད་རུང་ཡིན་ན་ཡང་ངས་ཐག་ཡག་པོ་ཞིག་བཅད་ཡོད་ཁི་བསམ་ཁི།
མས། ཨོ་ད་ཡག་ཡོད་ཁི། ཁྱོད་ཀྱིས་རང་གི་ཁྱིམ་ཚང་དང་ཉེ་བ་ཚང་མའི་མགོ་རྣ་བརྫད་ནི་རེད།
ཁྱིམ་ཚང་དང་ཉེ་བ་ཚང་མས་ཁྱོད་གྲྭ་བ་ཞིག་ཡོང་བའི་རེ་བ་བརྒྱབ། གྲྭ་བ་ཞིག་ཡོང་བའི་འབད་བརྩོན་བྱས།
གྲྭ་བ་ཞིག་ཡིན་པར་ཆ་བཞག་ནས་ད་བར་དུ་བསྡད་ནི་རེད། ད་ཁྱོད་ཀྱིས་དེ་བས་ལྷག་པའི་བླ་བཙོང་རྒྱུ་དང་རྐང་འདྲེན་རྒྱུ་ཅི་ཞིག་ཡོད།
བུས། བདེན་པ་རེད། ཁྱོད་ཚོ་ཁྱིམ་མྱི་ཉེ་འབྲེལ་ཚང་མས་ང་གྲྭ་བ་ཡོང་བའི་རེ་བ་བརྒྱབ་པ་བདེན་པ་རེད།
འབད་བརྩོན་བྱས་པ་བདེན་པ་རེད། ཁོང་ཚོའི་ངོས་ནས་ཅི་དྲག་གང་དྲག་ཅིག་བྱས་པ་དེར་ཚོ་ངོ་ཡོད་དོན་ཡོད་ཡིན།
བཀའ་དྲིན་ཆེན་པོ་རེད། ཡིན་ན་ཡང་སྤྱིར་ན་མྱི་ཞིག་རང་གི་ཁྱིམ་མྱི་དང་ཉེ་འབྲེལ་གྱིས་རེ་བ་བརྒྱབ་ནི་འདྲ་ཞིག་ཡོང་དཀའ་མོ་རེད།
ངས་ཀྱང་ཡོང་མ་སོང་། གལ་སྲིད་གྲྭ་བ་ཡོད་མཁན་གྱི་ཁྱིམ་ཚང་གི་མྱི་ཞིག་གིས་ཁྱོད་ཚོར་ཁྱེད་ཚང་གི་གྲྭ་བས་གྲྭ་ལོག་བྱས་པ་ཡག་པོ་མ་རེད་ཟེར་མཁན་ཡོད་ན་ཕར་ཡང་ཁྱེད་ཚང་གི་གྲྭ་བས་གྲུབ་རྟགས་ཅི་ཞིག་ཞོགས་ཐལ་ཟེར་ནས་དྲི་རོགས།
སྤྱིར་ན་གྲྭ་བ་ཟེར་རྒྱུ་དེ་རང་ངོས་ནས་ངེས་འབྱུང་གིིས་ཀུན་ནས་བསླངས་ཏེ་རབ་ཏུ་བྱུང་མཁན་ཞིག་དགོས་པ་མ་གཏོགས་ཉེ་བ་ཇེ་གཞིའི་ཁ་མགོ་རྣའི་དོན་དག་ལ་གྲྭ་བ་བྱེད་ཟེར་རྒྱུ་ཞིག་ཡོད་ན་མ་ཡག་ཚར་ནི་རེད།
བླ་བཙོང་མཁན་རྐང་འདྲེན་མཁན་ངོ་མ་བོ་ད་དེ་ཚོ་རེད།
མས། ལྟོས་དང་། སྡེ་ཁྱིམ་ཚང་མང་པོ་ལ་གྲྭ་བ་ཡོད་གི།
བླ་མ་ཕུན་ཚོགས་ལ་ལྟོས་དང་། བླ་མ་པད་ནོར་ལ་ལྟོས་དང་། བླ་མ་ངེས་དོན་ལ་ལྟོས་དང་། བླ་མ་འཕྲིན་ལས་ལ་ལྟོས་དང་།
སྡེ་ཁྱིམ་ཚང་དེ་ཚོའི་སྐྱིད་དེ་གང་ལ་འཇོག དེ་ཚོ་ལ་ལྟ་འདྲ་མ་ཤེས་ནི་ཨེ་རེད།
བུས། ཡ་ཡ། གྲྭ་བ་བླ་མ་ཡག་པོ་རེ་ཡོད་ན་སྡེ་ཁྱིམ་ཚང་དེ་ཚོ་ཙམ་གི་སྐྱིད་དགའ་རེད་ཟེར་རྒྱུ་ཡོད་ནི་མ་རེད།
དེ་ང་ཚོ་ཚང་མའི་བསོད་ནམས་རེད། ཁོང་རྣམ་པ་ནི་ད་དགུང་ལོ་ཡང་ཡར་སླེབས་གི་ཡོད་ནི་རེད། ད་དུང་ཡང་གྲྭ་བ་བྱས་ནས་བཞུགས་འདུག་སྟངས་ལ་བལྟས་ན་ནང་སེམས་ཀྱི་སྟེང་ལ་གྲུབ་རྟགས་རེ་ཞོག་གི་ཡོད་ནི་ལོས་ཡིན།
སེམས་ལ་བཟང་ཕྱོགས་ཀྱི་འགྱུར་བ་རེ་འགྲོ་གི་ཡོད་ནི་ལོས་ཡིན། ཆོས་པ་ཟེར་བ་དེའི་སེམས་ལ་བཟང་ཕྱོགས་གི་འགྱུར་བ་འགྲོ་དགོས་ནི་རེད།
ཆོས་པ་རབ་ལ་ཞག་སྐྱེད། འབྲིང་ལ་ཟླ་སྐྱེད། ཐ་མ་ལ་ཡང་ལོ་སྐྱེད་ཐོན་དགོས་གསུངས་ཡོད་ཁི་མོ།
ང་ནི་གྲྭ་བ་ངོ་མ་ཞིག་གི་ཚུགས་ཀ་བཟུངས་ནས་ལོ་བཅུ་བཞི་ལ་བསྡད་ནི་ཡིན། གྲྭ་བ་ཡིན་ལ་མིན་ལ་བྱས་ནས་ལོ་བཞི་ལ་བསྡད་ནི་ཡིན།
ཚང་མ་བསྡོམས་ན་ལོ་བཅོ་བརྒྱད་ཙམ་ལ་གྲྭ་བ་བོ་བྱས་ནས་བསྡད་ནི་ཡིན་མོད་སེམས་ལ་ནི་འགྱུར་བ་སྤུ་འདྲ་ཞིག་འགྲོ་ཐུབ་མ་སོང་།
སེམས་ལ་བཟང་ཕྱོགས་ཀྱི་འགྱུར་བ་རེ་འགྲོ་མ་ཐུབ་ན་གཟན་ཤམ་ད་རྔོན་པས་ཀྱང་གོན་ནི་རེད། དེ་ཙམ་ལ་ཡག་རྒྱུ་ཅི་ཡང་ཡོད་ནི་མ་རེད།
མས ཁྱོད་ཀྱིས་གྲྭ་བ་བྱས་ནས་གཟན་ཤམ་གོན་ནས་བསྡད་དེ་སེམས་ལ་འགྱུར་བ་འགྲོ་མ་ཐུབ་ན་ཁྱོད་ལ་གནམ་རྡིབས་ཟིག
ད་ཁྱོད་གཟན་ཤམ་ཕུད་དེ་གྲྭ་བ་མ་བྱས་ན་ད་སེམས་ལ་འགྱུར་བ་ཡག་པོ་ཞིག་འགྲོ་དོ་རྒྱུ་རེད་ཨ།
བུས། ཨ་མ། སེམས་ཐོག་ལ་འགྱུར་བ་ཡག་པོ་ཞིག་འགྲོ་དང་མི་འགྲོ་ཟེར་རྒྱུ་བོ་དང་པོ་ནས་སེམས་ཐོག་ན་ངེས་འབྱུང་ཡག་པོ་ཞིག་ཡོད་མེད་ལ་ཐུག་ཡོད་ནི་རེད།
སེམས་ཐོག་ན་ངེས་འབྱུང་མེད་མཁན་ཞིག་གིས་གཟན་ཤམ་གོན་རུང་མ་གོན་རུང་ཆགས་སྡང་ཇེ་ཆུང་ལ་འགྲོ་རོགས་བྱེད་ནི་མ་རེད།
ཡིན་ན་ཡང་སེམས་ཐོག་ན་ངེས་འབྱུང་མེད་མཁན་གྱི་མྱི་ཞིག་ཡིན་དུས་གཟན་ཤམ་བོ་མར་ཕུད་བཞག་ན་རང་གིས་ཀྱང་ང་གྲྭ་བ་ཡིན་བསམ་རྒྱུ་ཡོད་ནི་མ་རེད།
མྱིས་ཀྱང་དེ་གྲྭ་བ་རེད་བསམ་ནི་མ་རེད། དེ་ཡིན་དུས་གྲྭ་བའི་ཆ་ལུགས་ལ་བརྟེན་ནས་རང་མགོ་གཞན་མགོ་སྐོར་བའི་ཉེས་དམིགས་དེ་མི་བསོག་ནི་ཡ་ཕན་ཐོགས་ཡོད་ཁི།
མུ་འགོད།
མུ་འགོད།
བཀླགས་བཞིན་ཡོད་པས་བསམ་ཚུལ་རྗེས་སུ་བྲིས་ཆོག
ReplyDelete