སྐབས་ཤིག་ལ་ཡུལ་རྡོ་ཁོགས་དང་གསེར་ཁོགས་སོགས་སུ་སྒོམ་ཆེན་པ་ཡིན་ཟེར་མཁན་ཧ་ཅང་མང་པོ་ཞིག་ཡོད་ན་ཡང་སྒོམ་སྟངས་ཡང་དག་པ་དེར་ཅུང་ཟད་ཅིག་སླེབས་ཀྱིན་མེད་པ་རེད།
དེར་བརྟེན་ནས་གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་གྱིས་ཀྱང་། གྲོང་དགོན་སྤེལ་མ་ཡི་ཁྲོད་དུ༎གནས་ཉམས་འཐུག་པོ་ཡི་མལ་དུ༎ཉམས་ཞེན་རོ་མྱོང་ལ་ཆགས་པའི༎ངལ་བ་དོན་མེད་ཀྱི་སྒོམ་ཆེན༎ཨ་འཐས་བདེན་ལེན་གྱི་འཆིངས་བས༎རང་རྒྱུད་བསྡམས་པ་དེ་གོ༎སོགས་ཟུར་ཟ་དང་འབྲེལ་བའི་གདམས་ངག་མང་པོ་གནང་ཡོད།

ཉིན་ཞིག་ལ་གཏེར་སྟོན་བསོད་རྒྱལ་གྱིས་གཡུ་ཁོག་བྱ་བྲལ་བ་ལ། རྡོ་ཁོག་གསེར་ཁོག་གི་སྒོམ་ཆེན་ཡིན་ཟེར་མཁན་འདི་ཚོ་ལ་འཕུལ་རྒྱག་ཧ་ཅང་ཆུང་ཆུང་ཞིག་ལས་དགོས་ཀྱི་མི་འདུག གསུངས། སྐབས་དེར་གཡུ་ཁོག་བྱ་བྲལ་གྱིས། དེ་ཡིན་ན་ཁྱེད་ཀྱིས་འཕུལ་རྒྱག་ཅིག་རྒྱོབས་ཞོག གསུངས། དེ་ནས་གཏེར་སྟོན་བསོད་རྒྱལ་གྱིས། ང་ལ་བུ་ཡོད་པ་རེད། བུ་མོ་ཡོད་པ་རེད། ངས་ཁོང་ཚོར་འཕུལ་རྒྱག་བྱེད་ག་ལ་ཕོད། ཁྱོད་གྲྭ་བ་གྲྭ་རྐྱང་ཞིག་རེད། ཁྱེད་ཀྱིས་འཕུལ་རྒྱག་བྱེད་དགོས་པ་རེད། གསུངས།
གཏེར་སྟོན་མཆོག་གི་གསུང་དེའི་དོན་ནི་གསེར་ཁོག་རྡོ་ཁོག་ཡས་མས་ཀྱི་སྒོམ་ཆེན་ཚོའི་སྒོམ་སྟངས་ལ་ཡོ་བསྲངས་ཅུང་ཟད་ཅིག་བྱས་ན་འགྲིགས་འདུག ཡིན་ན་ཡང་གཏེར་སྟོན་ཁོང་རང་ཉིད་ལ་སྲས་དང་སྲས་མོ་སོགས་ཁྱིམ་ཚང་ཡོད་སྟབས་ཁོང་ཚོའི་སྒོམ་སྟངས་ལ་སྐྱོན་འདུག་ཅེས་གསུངས་ན་སྒོམ་ཆེན་མང་པོ་ཞིག་གི་སེམས་ལ་ཕོག་ནས་ཚིག་པ་ཟ་འགྲོ་བ་ཐག་ཆོད་པས་དེའི་ཁོང་གི་འབུལ་བ་རྙེད་བཀུར་ལ་གནོད་སྐྱོན་ཡོང་བས་འཚོ་བ་ལ་དཀའ་ངལ་འཕྲད་རྒྱུ་རེད་ཅེས་པའི་དོན་རེད།
No comments:
Post a Comment
ཁྱེད་ཀྱི་དགོངས་ཚུལ་གླེང་བར་རེ་སྒུག་ཡོད།