ཕ་ཝང་གི་འཁྲིག་པ་སྤྱོད་སྟངས།


རྡོ་རྗེ་ཚེ་སྲུང་གིས།

ང་ཉིན་ཤས་གོང་ལ་སྐྱེ་དངོས་ཚན་རིག་སློབ་མ་ཞིག་དང་ལྷན་དུ་ནགས་ཚལ་གསེབ་ཏུ་བསྐྱོད་ནས་ཕ་ཝང་གིས་འཁྲིག་པ་སྤྱོད་སྟངས་ལ་ཞིབ་ལྟ་བྱས། བྱ་མ་བྱིའམ་ཕ་ཝང་ལ་ཤ་ཟན་གྱི་རིགས་དང་ཤིང་འབྲས་ལ་སྤྱོད་པའི་རིགས་སོགས་སྡེ་ཚན་མང་པོ་ཡོད། ང་ཚོས་ལྟ་ཞིབ་བྱས་པའི་ཕ་ཝང་དེའི་རིགས་ནི་གཟུགས་ཆུང་ཞིང་ཤིང་འབྲས་ལ་བརྟེན་ནས་འཚོ་བའི་རིགས་རེད། ནགས་ཚལ་སྟུག་པོ་ཡོད་པའི་ལུང་གཤོང་དེའི་ཤིང་སྡོང་མང་པོའི་ཡལ་ག་ལ་ཕ་ཝང་སྟོང་ཕྲག་མང་པོ་མགོ་ཐུར་དུ་བསྟན་ནས་དཔྱངས་འདུག 

དེ་ནས་ཁོ་ཚོས་འཁྲིག་པ་སྤྱོད་འདོད་པའི་དུས་སུ་ཕོ་དེ་ཚོར་ཕོ་མཚན་རིང་པོ་ཕལ་ཆེར་རང་རང་གི་ལུས་པོའི་རིང་ཐུང་གི་སུམ་ཆ་གཅིག་ཙམ་ཡོད་པ་ཕྱིར་འབྱིན་ཅིང་འཁྲེགས་པོར་འགྲེང་། རང་གི་འཁྲིག་པ་སྤྱོད་འདོད་པའི་གྲོགས་མོའི་རྩར་བཅར་ཞིང་མོ་མཚན་ལ་འཇིབས་ལྡག་བྱེད། མོ་ལ་ཆགས་གདུང་གི་ཚོར་བ་སླེབས་པར་ཧ་ཅང་ཡུན་རིང་འགོར་ཞིང་མོ་ལ་ཆགས་གདུང་གི་ཚོར་བ་མ་སླེབས་བར་དུ་ཕོ་མཚན་ནང་དུ་འཇུག་པར་མི་བྱེད། མོ་མཚན་ལ་ལྕེ་ལྡག་བྱེད་པ་ནི་མོ་ལ་ཆགས་གདུང་གི་ཚོར་བ་སླེབས་ཆེད་རེད། ཕ་ཝང་གིས་ཕོ་མཚན་ཧ་ཅང་རིང་ཞིང་ཕྱིར་ཕྱུངས་ནས་འགྲེང་ཡོད་པའི་དུས་སུ་ཁོང་རང་གི་ལྕེ་ཡིས་ལྡག་ཐུབ། 
ཕ་ཝང་ཕོ་དེས་རང་གི་གྲོགས་མོའི་སྟུ་ལ་འཇིབ་ལྡག་བྱེད་ཞོར་དུ་མཚམས་མཚམས་སུ་ཁོ་རང་གི་མཇེ་ལ་ལྕེ་ལྡག་བྱེད། དེ་གྲོགས་མོ་ལ་ཆགས་གདུང་གི་ཚོར་ལ་སླེབས་པར་ཡུན་རིང་པོ་འགོར་ཞིང་། ཕ་ཝང་ཕོས་རང་གི་གྲོགས་མོའི་སྟུའི་ནང་དུ་མཇེ་ནམ་ཞིག་ལ་འཇུག་ཐུབ་དང་མི་ཐུབ་མི་ཤེས་པས་ཕོ་མཚན་འགྲེངས་ཞིང་འཁྲེགས་པོ་བྱས་ནས་གྲ་སྒྲིག་ཏག་ཏག་ཡོད་དགོས། ཕོ་མཚན་འགྲེངས་ནས་འདུག་ཐུབ་ཆེད་དུ་མཚམས་མཚམས་སུ་ཁོ་རང་གི་མཇེ་ལ་ལྕེ་ལྡག་བྱས་ནས་ཆགས་གདུང་གི་ཚོར་བ་སློང་བར་བྱེད་པ་དེ་ནི་ཕོ་མཚན་འགྲེང་ནས་འདུག་ཐུབ་པའི་ཆེད་དུ་རེད། ཡུན་རིང་པོར་གྲོགས་མོའི་སྟུ་ལ་འཇིབ་ལྡག་བྱས་ནས་མཐར་གྲོགས་མོ་ལ་ཆགས་གདུང་གི་ཚོར་བ་འདངས་ངེས་སླེབས་པའི་དུས་སུ་གཞི་ནས་གྲོགས་མོས་ནང་དུ་འཇུག་ཆོག་པའི་བརྡ་སྟོན། དེ་ནས་འཁྲིགས་པ་དངོས་གཞི་ལ་འཇུག་པར་བྱེད། 

དེ་དང་འབྲེལ་ནས་འཁྲིག་པ་སྤྱོད་པའི་མཇུག་འབྲས་ཕྲུ་གུ་བཙའ་བ་ཡང་མཐོང་། ཕ་ཝང་མོ་ལ་ཕྲུ་གུ་བཙའ་བའི་དུས་སུ་ཡང་ཡུན་ཧ་ཅང་རིང་པོ་འགོར། ཐོག་མར་ཕྲུ་གུའི་མགོ་ཕྱིར་ཕྱུངས་ཤིང་། རིམ་གྱིས་ཕ་ཝང་ཕྲུ་གུའི་ཤེས་པ་གྲུང་དུ་འགྲོ། རིམ་གྱིས་ཕྲུ་གུའི་ལུས་པོ་ཡོངས་རྫོགས་ཕྱིར་ཕྱུངས་པའི་རྗེས་སུ་ཕྲུ་གུས་མའི་ནུ་མ་ཁར་བཅུག་ནས་དེ་ལ་འཇུས་ནས་མར་ས་ལ་མི་ལྷུང་། དེ་དང་བསྟུན་ནས་མས་ཀྱང་གཤོག་པའི་བར་དུ་བཅུག་ནས་ཡར་འཇུ་ཞིང་ཕྲུ་གུ་མར་ས་ལ་ལྷུང་དུ་མི་འཇུག 

No comments:

Post a Comment

ཁྱེད་ཀྱི་དགོངས་ཚུལ་གླེང་བར་རེ་སྒུག་ཡོད།