རྡོ་རྗེ་ཚེ་སྲུང་གིས་བྲིས།
ཁང་བ་མང་དུ་མང་དུ་གྱུར།།
སྡོད་ཁྱིམ་ཆུང་དུ་ཆུང་དུ་གྱུར།།
ཆུ་ཚོད་འཁོར་ལོ་ཇེ་མང་རེད།།
དུས་ཚོད་ཁོམ་པ་ཇེ་ཉུང་རེད།།
ཤེས་ཚད་ལག་ཁྱེར་མཐོ་རུ་སོང་།།
བསམ་ཤེས་བྱེད་པ་ཉུང་དུ་སོང་།།
མི་ཡི་གྲངས་འབོར་མང་དུ་སོང་།།
མི་ཆོས་བཟང་པོ་ཉུང་དུ་སོང་།།
ཟླ་བའི་སྟེང་དུ་ལྟད་མོ་བལྟས།།
ཁྱིམ་མཚེས་ཚང་ལ་ཆ་རྒྱུས་མེད།།
བཟའ་སྒྲིག་ཐེང་མ་དགུ་ལ་བྱས།།
བརྩེ་བ་ངོ་མར་ཉམས་མྱོང་མེད།།
གྲོགས་པོའི་གྲངས་ཀ་མང་དུ་སོང་།།
སྤུས་ཀ་ཡོད་པ་ཉུང་དུ་སོང་།།
ཆང་རག་གོང་ཆེན་མང་དུ་སོང་།།
ཆུ་གཙང་བཏུང་བ་ཉུང་དུ་སོང་།།
ཡོང་སྒོའི་རྣམ་གྲངས་མང་དུ་སོང་།།
བདེ་བར་སྡོད་དུས་ཉུང་དུ་སོང་།།
མིག་མདུན་གྱི་སྤྱི་ཚོགས་ངོ་མ་ཞིག་རེད།
ReplyDeleteབཀུར་འོས་བསོད་ནམས་ཚེ་རིང་ལགས། ཁར་སང་ངའི་དྲ་ལྡེབས་སྟེང་དུ་ཁྱེད་ཀྱིས་ཚིག་རེ་ཟུང་བཞག་ཡོད་པ་མཐོང་བས་རང་ཉིད་ཀྱིས་བརྒྱུད་པའི་མི་ཚེ་ལ་ཕྱིར་དྲན་བསམ་གཞིག་གི་ཁྲོད་དུ་ཡུན་རིང་ལུས་སོང་། དེ་ཡང་ང་ལྟ་བུའི་མི་འཁྱམས་ཤིག་ཡིན་ཡང་དོན་དུ་མི་ཚེ་ཟེར་བ་དེ་བྲེལ་འཚུབ་ཅིག་གི་ཀློང་དུ་ཚུད་ཡོད་པ་རྟོགས། ཁྱེད་ངེད་གཉིས་སྐྱེས་ཡུལ་གཅིག་པ། དགོན་པ་ཡང་ཕལ་ཆེར་གཅིག་པ། བླ་མ་གཅིག་པ་དང་གྲྭ་ས་གཅིག་པ། ཕྱིས་སུ་ཕྱིའི་ཡུལ་དུ་འོངས་བའི་ལས་དབང་གཅིག་པ་ཡིན། ང་རྡ་རམ་ས་ལར་སྡོད་དུས་ཁྱེད་ཀྱང་དེར་ཡོད་པས་ཁྱེད་དང་ལྷན་དུ་ལྷོད་པོར་བསྡད་ནས་གླེང་མོལ་ཡིད་ཚིམ་པ་ཞིག་བྱེད་བསམ་བསྡད་མོད་དལ་དྲགས་པ་ཡིན་ནམ་བྲེལ་དྲགས་པ་གང་ཡིན་མི་ཤེས་པའི་ལེ་ལོའི་ངང་ནས་འདི་ལྟར་རྒྱང་རིང་དུ་གྱེས། དེང་སང་ཁྱེད་གནས་ཡུལ་ལྷོ་ཕྱོགས་མོན་གྷོཏྲ་ཡིན་ནམ། བདེ་མོ་ཡིན་ནམ། ངས་ཁྱེད་ཀྱིས་བཏང་བའི་གསར་འགྱུར་རྩོམ་ཡིག་ཁ་ཤས་རེ་དྲ་ཐོག་ཏུ་རྒྱུན་དུ་ཀློག་བཞིན་ཡོད།
Deleteདི་ཚོ་ཁྱེ་ཏག་ཟིག་ཡག་ཁི།