རྡོ་རྗེ་ཚེ་སྲུང་།
ཆོས་ཉིད་ཡེ་དག་རིག་པའི་ཀློང་།།
ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལས།།
ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལས།།
གཏི་མུག་རང་གྲོལ་སྟུག་པོ་བཀོད།།
མཐིང་གསལ་རྣམ་པར་སྣང་མཛད་ཤར།།
མཁའ་ཁམས་རྣམ་པར་དག་པ་ཡི།།
ཡུམ་ཆེན་སངས་རྒྱས་མཁའ་འགྲོར་སྦྱོར།།
ཆོས་ཉིད་ཡེ་དག་རིག་པའི་ཀློང་།།
མེ་ལོང་ལྟ་བུའི་ཡེ་ཤེས་ལས།།
ཞེ་སྡང་རང་གྲོལ་མངོན་པར་དགའ།།
དཀར་གསལ་རྡོ་རྗེ་སེམས་དཔའ་ཤར།།
ས་ཁམས་རྣམ་པར་དག་པ་ཡི།།
ཡུམ་ཆེན་རྡོ་རྗེ་མཁའ་འགྲོར་སྦྱོར།།
ཆོས་ཉིད་ཡེ་དག་རིག་པའི་ཀློང་།།
མཉམ་པ་ཉིད་ཀྱི་ཡེ་ཤེས་ལས།།
ང་རྒྱལ་རང་གྲོལ་དཔལ་ལྡན་མཛེས།།
སེར་གསལ་རིན་ཆེན་འབྱུང་ལྡན་ཤར།།
ཆུ་ཁམས་རྣམ་པར་དག་པ་ཡི།།
ཡུམ་ཆེན་རིན་ཆེན་མཁའ་འགྲོར་སྦྱོར།།
ཆོས་ཉིད་ཡེ་དག་རིག་པའི་ཀློང་།།
སོ་སོར་རྟོག་པའི་ཡེ་ཤེས་ལས།།
འདོད་ཆགས་རང་གྲོལ་བདེ་བ་ཅན།།
དམར་གསལ་སྣང་བ་མཐའ་ཡས་ཤར།།
མེ་ཁམས་རྣམ་པར་དག་པ་ཡི།།
ཡུམ་ཆེན་པདྨ་མཁའ་འགྲོར་སྦྱོར།།
ཆོས་ཉིད་ཡེ་དག་རིག་པའི་ཀློང་།།
བྱ་བ་གྲུབ་པའི་ཡེ་ཤེས་ལས།།
ཕྲག་དོག་རང་གྲོལ་ལས་རབ་བརྩེགས།།
ལྗང་གསལ་དོན་ཡོད་གྲུབ་པ་ཤར།།
རླུང་ཁམས་རྣམ་པར་དག་པ་ཡི།།
ཡུམ་ཆེན་ལས་ཀྱི་མཁའ་འགྲོར་སྦྱོར།།
No comments:
Post a Comment
ཁྱེད་ཀྱི་དགོངས་ཚུལ་གླེང་བར་རེ་སྒུག་ཡོད།