ཁར་སང་ངས་མ་རྒན་དང་མཉམ་དུ་ཁ་པར་བརྒྱུད་ནས་གླེང་མོལ་ཡུན་རིང་ཙམ་བྱས།
ངའི་མ་རྒན་ནི་མོ་རང་གི་ཚོད་ཀྱི་བཤད་རྒྱུ་ཡོད་མཁན་ཞིག་ཡིན། དེ་ཡང་བཤད་བཤད་པའི་ཐ་མ་ཞིག་ལ་ཡུལ་ལུང་དེའི་བླ་སྤྲུལ་ཚོས་འཆར་འགོད་བྱས་པ་བཞིན་དགེ་བཅུའི་ཁྲིམས་ཟེར་བ་ཞིག་འཇོག་བཞིན་ཡོད་ཚུལ་དེ་གླེང་།
དེ་ཡང་ཡུལ་སྡེ་མང་པོ་ཞིག་ལ་དགེ་བཅུའི་ཁྲིམས་འཇོག་ཐུབ་ཡོད་ན་ཡང་ཚང་མ་ལ་ཁྱབ་ཐུབ་པ་ཞིག་ད་དུང་ཡོང་མ་སོང་ཟེར།
དེར་ངས་དགེ་བཅུའི་ཁྲིམས་ཟེར་བ་དེས་ཡུལ་སྡེ་ཚོར་ཕན་ཐོགས་ཡོད་ས་རེད་དམ་ཞེས་དྲིས། དེར་མོས་ཐག་ཆོད་པོས། དགེ་བཅུའི་ཁྲིམས་འཇོག་ཐུབ་རུང་མ་ཐུབ་རུང་ཡུལ་སྡེ་ཚོའི་བདེ་འཇགས་ལ་ཁྱད་པར་གང་ཡང་འགྲོ་རྒྱུ་མ་རེད། ལས་རྒྱུ་འབྲས་ལ་ཡིད་ཆེས་ཡོད་མཁན་ཚོར་ཁྲིམས་བཞག་རུང་མ་བཞག་རུང་ཡུལ་སྡེའི་བདེ་འཇགས་ལ་གནོད་པའི་ལས་ཀ་བྱེད་ཀྱི་མ་རེད། ལས་རྒྱུ་འབྲས་ལ་ཡིད་ཆེས་མེད་མཁན་གྱི་མི་ངན་ཚོར་བླ་སྤྲུལ་རྣམ་པས་གང་གསུངས་ཀྱང་ཡིད་ཆེས་མེད་པས་ཁ་ལ་གང་ཡང་ཉོན་གྱི་མ་རེད་ཟེར། དེ་ནི་མོ་རང་གི་ཡིད་ཆེས་དང་བདེན་གཏམ་ཁ་ཐུག་ངོ་མ་དེ་རེད། དོན་དངོས་ཡོད་ཀྱང་རེད།

No comments:
Post a Comment
ཁྱེད་ཀྱི་དགོངས་ཚུལ་གླེང་བར་རེ་སྒུག་ཡོད།