རྡོ་རྗེ་ཚེ་སྲུང་གིས་བསྡུས།
1. འཁོར་བ་སྤྱི་དང་ཚེ་འདིའི་བྱ་བ་ལ་བློ་ལོག་ནས་ཆོས་ཀྱི་ཕྱོགས་སུ་བློ་ཐག་ཆོད་པར་བྱ་བའི་ཕྱིར།དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། ལས་འབྲས། འཁོར་བའི་སྡུག་བསྔལ་བཤད་པའོ།
2. ཕྱི་པ་མི་སྟེགས་པ་དང་ནང་པ་སངས་རྒྱས་པའི་ཁྱད་པར་དབྱེ་ཞིང་དཀོན་མཆོག་གསུམ་གྱི་སྐྱབས་འོག་ཏུ་ཚུད་པའི་ཕྱིར།སྐྱབས་འགྲོའི་ཁྲིད།
3. ཐེག་པ་ཆེ་ཆུང་གི་ཁྱད་པར་དབྱེ་ཞིང་གཞན་དོན་སྒྲུབ་པའི་ལེགས་ཚོགས་ཀྱི་རྟེན་འབྲེལ་སྒྲིག་པའི་ཕྱིར།སེམས་བསྐྱེད་ཀྱི་ཁྲིད།
4. སྒྲིབ་གཉིས་དག་པའི་ཕྱིར།རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཀྱི་ཁྲིད།
5. ཚོགས་གཉིས་རྫོགས་པའི་ཕྱིར། མཎཌལ་གྱི་ཁྲིད།
6. བྱིན་རླབས་རྒྱུད་ལ་འཇུག་ཅིང་དོན་གཉིས་འགྲུབ་པའི་ཕྱིར།བླ་མའི་རྣལ་འབྱོར་གྱི་ཁྲིད།
7. བར་ཆད་ཞི་བའི་ཕྱིར། ཧཱུཾ་སྦྱངས་ཀྱི་ཁྲིད།
8. ལྟ་བ་རྣམ་དག་མ་རྟོགས་པར་འཆི་བ་བྱུང་ན་དགོས་པའི་ཟབ་ལམ་འཕོ་བའི་ཁྲིད་བཅས་སོ།
འདི་ནི་ཀ་ཐོག་ལྡོང་བྱ་བྲལ་བ་བསོད་ནམས་དོན་གྲུབ་ཀྱིས་མཛད་པའི་རྫོགས་པའི་ཆེན་པོའི་མན་ངག་ཟབ་དོན་དཔལ་གྱི་སྙིང་པོ་མུན་སེལ་དཔལ་གྱི་སྒྲོན་མེ་ཞེས་པ་ལས་བཤུས་པ་ཡིན།༽
No comments:
Post a Comment
ཁྱེད་ཀྱི་དགོངས་ཚུལ་གླེང་བར་རེ་སྒུག་ཡོད།