དེ་ཡང་གྲུབ་དབང་ལུང་རྟོགས་རྒྱལ་མཚན་མཆོག་ནི་ཁྲོམ་རྡོ་ཁོ་དགོན་པ་ཞེས་པ་དཔལ་ས་སྐྱའི་རིང་ལུགས་འཛིན་པའི་དགོན་པ་རུ་ཞུགས་མྱོང་བས་ཆོས་རྒྱུད་ས་སྐྱ་པར་བགྲང་བ་ཞིག་ཡིན།
ཡིན་ན་ཡང་ཁོང་གིས་སྔ་འགྱུར་བའི་བསྟན་འཛིན་རྩ་བའི་བླ་མ་ཁྲོམ་དགེ་ཨ་རིག་རིན་པོ་ཆེར་མི་ལོ་སུམ་ཅུ་ཙམ་གྱི་རིང་ལ་བརྟེན་ནས་མདོ་སྔགས་ཀྱི་གདམས་ངག་ལ་སློབ་གཉེར་གནང་མྱོང་།

འདས་པའི་ལོ་བཅུ་ཕྲག་ཁ་ཤས་ཀྱི་རིང་ལ་མདོ་ཁམས་ཁྲོམ་ཐལ་རྫོགས་པ་ཆེན་པོའི་ངོ་སྤྲོད་ཀྱི་གདམས་པ་གཙོ་བོར་གྱུར་པའི་ཆོས་འཁོར་རྒྱུན་མ་ཆད་པར་བསྐོར་ནས་བཞུགས་པར་སྙིང་པོའི་གདམས་པ་འཚོལ་མཁན་སྟོང་ཕྲག་མང་པོ་འདུས་ནས་སྒར་ཆགས་པ་ལ་ཡ་ཆེན་ཆོས་སྒར་ཞེས་ཆོས་སྡེ་ཆེན་པོར་གྱུར།དེ་བཞིན་དུ་ཁོང་གིས་འགྲོ་དོན་མཛད་ཚུལ་ནི་གསུང་ཆོས་འཆད་ཁྲིད་ཁོ་ན་མ་ཡིན་པར་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་སྤྲུལ་སྐུ་ངོས་འཛིན་བྱེད་པ་དང་།གཤིན་པོའི་སྐྱེ་གནས་ལུང་སྟོན་གྱིས་ཐར་ལམ་བསྒྲུབས་པའི་དགེ་བསྐུལ་མཛད་པ། མོ་འདེབས་པ་ལུང་སྟོན་པའི་ལམ་ནས་དགེ་བསྐུལ་གྱི་རིམ་གྲོ་ལ་བརྟེན་ནས་བསོད་ནམས་མངའ་ཐང་གོང་དུ་སྤེལ་ཐབས་སོགས་བོད་ཀྱི་སྲོལ་རྒྱུན་བླ་མའི་མཛད་རིམ་མང་པོ་ཞིག་གནང་བར་བརྟེན་ཁོང་ནི་མདོ་ཁམས་མི་མང་གིས་དགའ་དད་ཆེ་ཤོས་ཀྱི་བླ་མ་ཞིག་ཏུ་གྱུར་པ་རེད།
ད་ཐེངས་ཁོང་སྐུ་གཤེགས་པའི་དུས་སུ་འདས་རྗེས་ཀྱི་ཞལ་ཆེམས་ནི་ཁོང་གི་ཞལ་སློབ་རྣམས་ཐུགས་མཐུན་པོ་མཛད་རྒྱུ་དང་།ཚེ་འདི་ལས་ཕྱི་མ་གལ་ཆེ་བར་འཛིན་དགོས་ཚུལ་གྱི་ཞལ་ཆེམས་ཞལ་སློབ་གཙོ་བོ་ཚོར་གནང་འདུགདེར་བརྟེན་ཁོང་ལ་དགོངས་པའི་བྱིན་རླབས་ཀྱི་བདུད་རྩི་སྙིང་ལ་སིམ་པའི་སློབ་མ་བུ་ཆེན་ཤིན་ཏུ་མང་བས་དམ་པ་གང་གི་ཐུགས་ཀྱི་དགོངས་པ་ཡོངས་སུ་སྐོང་བའི་འགྲོ་དོན་རླབས་ཆེན་མཛད་མཁན་གྱི་སྐྱེས་བུ་དམ་པ་ཤིན་ཏུ་མང་པོ་ཡོད་པས་ཁོང་གི་མཛད་པ་ཕྲིན་ལས་མུ་མཐུད་དུ་སྔར་བཞིན་གནས་པར་ཐེ་ཚོམ་མེད།འུ་ཅག་ཚང་མས་ཀྱང་དམ་པ་གང་གི་མཛད་པ་འཕྲིན་ལས་ལ་རྗེས་སུ་ཡི་རང་དང་རྗེས་སུ་སློབ་པའི་ཐུགས་སྨོན་མཛད་པར་རིགས་སོ༎

No comments:
Post a Comment
ཁྱེད་ཀྱི་དགོངས་ཚུལ་གླེང་བར་རེ་སྒུག་ཡོད།