རྡོ་རྗེ་ཚེ་སྲུང་གིས་བྲིས།
ང་བྱིས་པ་ཡིན་དུས།
ཨ་མ་ངའི་སྔོན་དུ་འགྲོ།
དེ་ནི་ང་ལ་འགྲོ་སྟངས་སློབ་ཆེད་རེད།
ང་ན་གཞོན་ཡིན་དུས།
ཨ་མ་ངའི་རྒྱབ་དུ་ཡོང་།
དེ་ནི་ང་འགྱེལ་ན་སློང་ཆེད་རེད།
ང་དར་མ་ཡིན་དུས།
ཨ་མ་ང་དང་གཤིབ་ནས་འགྲོ།
དེ་ནི་ང་དང་སྐྱིད་སྡུག་མཉམ་དུ་མྱོང་ཆེད་རེད།
No comments:
Post a Comment
ཁྱེད་ཀྱི་དགོངས་ཚུལ་གླེང་བར་རེ་སྒུག་ཡོད།